Monday, May 19, 2025

གན་རྒྱ།

 ༉ ད་ལན་ རང་ལུགས་གནམ་ལོ་ ཤིང་མོ་སྦྲལ་ལོ་ རང་ཟླ་༧  པའི་ ཚེས་༢༠ འམ་ སྤྱ་ཟླ་༥ པའི་ སྤྱ་ཚེས་༡༧ ལུ་ བསམ་ལྗོངས་ཆ་འདུས་ དམར་ཚ་ལ་རྒེད་འོག་ གཡུས་ཝམ་རོང་ལས་ ངོམ་ཀུན་ལས་དཔལ་འབྱོར་ངོ་སྤྲད་ལག་འཁྱེར་ཨང་༡༡༡༠༡༠༠༢༦༥༤ ཅན་མ་འཆང་མི་དང་བཀྲིས་སྒང་རྫོང་ཁག་ ཀླུ་མང་རྒེད་འོག་ གཡུས་མཚོ་དགོན་པ་ལས་ ངོམ་ལས་སྐྱད་དབང་མོ་ ངོ་སྤྲད་ལག་འཁྱེར་ཨང་༡༡༥༠༦༠༠༢༥༣༢ ཅན་མ་འཆང་མི་གཉིས་ གཉེན་ཡ་བྲལ་སོང་ཡོདཔ་ཨིན།   ཁོང་གཉིས་ཀྱི་བར་ན་ལོ་༡༥་འབད་མའི་བུམོ་རྟ་མགྲིན་དབང་མོ་ཚུད་ཡོདཔ་དང་བུམོ་འདི་ཨའི་དང་གཅིག་ཁར་བཞག་ནི་འབད་འབྲེད་ཆ་འབྱུང་ནུག། ཨཔ་ཀུན་ལས་དཔལ་འབྱོར་གྱི་ ཁོ་རའི་བུམོ་གི་དོན་ལུ་ཟླཝ་རེ་ལུ་གསོ་འཐུས་ཡང་ ཀུན་ལས་དཔལ་འབྱོར་གྱི་ཟླ་རིམ་དངུལ་ཕོགས་ལས་བརྒྱ་ཆ་༢་སྤྲད་དགོཔ་ཨིན། རྒྱལ་སྲིད་ག་དེམ་ཅིག་སྦེ་ གོང་ལུ་བཀོད་ཡོད་པའི་ ཁ་ཚིག་ལས་ རྒྱབ་འགལ་རེ་འབྱུང་སྲིད་ན འབའ་ཉེས་ཁྲིམས་ཚུ་ དཔལ་ལྡན་འབྲུག་པའི་ ཁྲིམས་ལུགས་ལྟར་དུ་ཕྱག་ཕྱིད་ཞུ་ནི་གན་འཛིན་བཟོ་བའོ།

 

གཉེན་ཡ་བྲལ་འགྱོ་མི་ཨཔ་ཀུན་ལས་དཔལ་འབྱོར་གིས་རྟགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

དེ་ཡི་རྒྱབ་མི་བསོད་ནམས་དབང་ཕྱུག་གི་རྟགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

གཉེན་ཡ་བྲལ་འགྱོ་མི་ཨམ་ལས་སྐྱད་དབང་མོ་ཀྱི་རྟགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

དེ་ཡི་རྒྱབ་མི་བདེ་ཆེན་དབང་མོ་གི་རྟགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

སྤྱ་རུབ་ཀྱི་དཔང་པོ་ བཀྲ་ཤིས་ཀྱི་རྟགས་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

ལུས་ཀྱི་སྒྲིག་ལམ།

 

ནང་སེམས་ཀྱི་སྒྲིག་ལམ་གལ་ཆེ་བའི་ཁུངས།

སྒྲིག་ལམ་ཚུ་ལས་ ནང་སེམས་ཀྱི་སྒྱིག་ལམ་འདི་ག་ར་ལས་ གཙོ་ཆེཝ་ཅིག་ཨིན།

ü  དཔེར་ན། ཿ ཡོན་ཏན་ག་དེ་ཅིག་ ཤེས་རུང་ སེམས་ཀྱིས་ཐ་དམ་ཚིག་བསྐྱེད་དེ་འབད་མ་ཤེས་པ་ཅིན་ བཟོ་བའི་ལག་པ་ལུ་ལག་ཆ་ རྣམ་པ་སྣ་ཚོགས་ཡོད་རུང་ ལག་ཆ་དེ་གིས་ ལེགས་ཤོམ་གྱི་ལཱ་ལུ་ གཡོག་བཀོལ་ནི་ཨིན་ན ཟོགཔ་གི་ལཱ་ལུ་ གཡོག་བཀོལ་ནི་ཨིན་ན་ མ་ཤེསཔ་བཟུམ་ཨིན།


རྒྱལ་བ་གོངམ་ཚུ་གིས་ སེམས་ནི་ཀུན་ལ་དབང་བྱེད་རྒྱལ་པོ་འདྲ།།

          ལུས་ནི་དགེ་སྡིག་ཀུན་གྱི་གཡོག་པོ་ཨིན།།

          སེམས་འདི་དགེ་ན་ལུས་དང་ངག་ཀྱང་དགེ།།

         སེམས་འདི་སྡིག་ན་ལུས་དང་ངག་ཀྱང་སྡིག།།

 

སངས་རྒྱས་ཀྱི་གསུང་ ཆོས་ཀྱི་ཚིགས་སུ་བཅད་པ་ལས་ཡང་ ཆོས་རྣམས་ཡིད་ཀྱི་རང་བཞིན་ཏེ།། 

                                                       ཡིད་གི་གཙོ་ཞིང་སྔན་ལ་འགྲོ།།

                                                        གལ་ཏེ་ཡིད་ནི་རབ་དངས་པས།།

                                                       དེ་ལ་དེ་ཡི་བདེ་བ་ཐོབ།།

                                                       གྲིབ་མ་ཡོལ་བར་མི་འགྱུར་བཞིན།།


སྒྲིག་ལམ་རྣམ་གཞག་འདི་ལུ་ཡང་ ཕྱི་ལུས་ཀྱི་བྱ་བ་དང་ ངག་གི་བརྫོད་པ་ག་དེ་ཅིག་ སྒྲིག་ལམ་ཐོག་ལ་འབད་རུང་ ནང་གི་སེམས་ཀྱི་སྒྲིག་ལམ་ མ་ཚུད་པའི་ཀུན་སློང་སྐྱོན་ཡོད་པ་ཅིན་ ཉེན་ཁ་ཡོདཔ་ཨིན་པས།

            སེངྒེ་ལས་ཀྱི་འབུ་མན་པ།

            སྲོག་ཆགས་གཞན་གྱིས་ན་ལ་ཟ།

 

 

སེམས་ཀྱི་སྒྲིག་ལམ་འདི་ཡོད་པ་ཅིནཿ

ü  རྒྱལ་ཁབ་ནང་མི་དམང་གི་ མཐུན་ལམ་དམ་ཚིག་གཅིག་སྒྲིལ།

ü  གོང་མ་ལུ་གོང་མར་ བརྩི་ཤེས་པའི་ཐ་དམ་ཚིག།

ü  བཟང་ངན་ལས་ཀྱི་རྣམ་སྨིན་ལུ་ ཡིད་ཆེས་བའི་ ལས་རྒྱུ་འབྲས་བརྩི།

ü  རྒྱལ་ཁབ་ཀྱི་ཞི་བདེ་དང་ རང་དབང་སྲུང་སྐྱོབ་མི་མང་བདེ་སྐྱྀད་གོང་འཕེལ།

 

རྩ་བ་གསུམ་ལུ་རྒྱལ་གཅེས་ཤ་ཞེན།

རྩ་བ་གསུམ་ལུ་རྒྱལ་གཅེས་ཤ་ཞེན་བསྐྱེད་དགོ་ དེ་ཡང་ཿ

༡༽ ང་བཅས་རའི་འབྲུག་རྒྱལ་ཁབ་འདི་ ང་བཅས་རའི་རྒྱལ་ཁབ་ཟེར་མི་འདི་ སེམས་ལས་ནམ་ཡང་ཡལ་ནི་མི་འོང་

༢༽ རང་གི་གོང་མ་འདི་ རང་གི་སྐྱིད་སྡུག་ཕམ་བཟུམ་ཅིག་ མནོ་བསམ་གཏང་སྟེ་ཅི་གསུང་བཀའ་སྒྲུབ་ཆ་ཞུ་དགོ།

༣༽ གཞུང་གི་ཁྲིམས་དང་བཀའ་རྒྱ་ཚུ་ རང་གི་རྒྱལ་ཁབ་ཀྱི་འཕྲལ་ཕུགས་གཉིས་ཀྱི་ མཐའ་དོན་གལ་ཆེཝ་ཨིནམ་ཤེསཝ་ལས་ སྲིད་བྱུས་ག་བཟུམ་ཙམ་རུང་ རྒྱབ་སྐྱོར་ཕུལ་དགོཔ་ཁག་ཆེ།

༤༽ ང་བཅས་རའི་ རྒྱལ་ཁབ་རང་བ་སྲུང་སྐྱོབ་ཀྱི་དོན་ལུ་ སྲོག་བློས་བཏང་ཚུགས་པའི་སློ་སྤོབས་དགོ།

༥༽ ང་བཅས་རའི་ ལམ་ལུགས་སྲོལ་མར་ཉམས་མ་བཅུག་པ་བཞག་ནི་དོན་ལུ་ འདི་ལུ་ཡིན་ཆས་དང་ངལ་རངས་ཀྱི་ ཐོག་ལས་ཉམས་སུ་ལེན་ནི་གལ་ཆེ།

༦༽ ང་བཅས་རའི་རྒྱལ་ཁབ་ཀྱི་ ངོ་རྟགས་དང་ ཁྱད་ཆོས་ཚུ་བརྩི་མཐོང་བསྐྱེད་དེ་ རང་གི་ལག་ལེན་འཐབ་སྟེ་ གཞན་གྱི་ལུ་ཡང་ བསྐུལ་མ་འབད་ཚུགསཔ་འབད་དགོ།


ཐ་དམ་ཚིག།

ཐ་དམ་ཚིག་ཟེར་མི་འདི་ རང་གིས་ཁས་བླངས་པའི་མ་ཚིག་ལུ་ འགྱུར་བ་མེད་པར་ གནས་ཏེ་འབད་མི་འདི་ལུ་སླབ་ཨིན།

གོང་མ་ལུ་གོང་མ་གི་ ཕམ་ལུ་ཕ་མར་ཤེས་ སློབ་དཔོན་ལུ་སློབ་དཔོན་དུ་ཤེས་ཀྱི་ བསམ་སྤྱོད་དགོཔ་ཨིན།

 

ལས་རྒྱུ་འབྲས།

རྒྱུ་སྡིག་པ་ལས་བརྟེན་ འདིའི་ལས་ངན་པ་བསགས་ཏེ་ འབྲས་བུ་སྡུག་བསྔལ་མྱོང་ནི། རྒྱུ་དགེ་བ་ལས་བརྟེན་ འདིའི་ལས་བཟང་པོ་བསགས་

ཏེ་ འབྲས་བུབདེ་བ་མྱོང་མི།

ལས་རྒྱུ་འབྲས་དེ་ལུ་ བསླུ་བ་མེདཔ་ཨིན དེ་ཡང་རང་གིས་བསགས་པའི་ལས་ཀྱི་འབྲས་བུ་དེ་ རང་གིས་རང་མྱོང་དགོཔ་ཨིན།

 

མགོན་པོ་ཀླུ་སྒྲུབ་ཀྱིས།

ཁྱོད་ཀྱི་བྲམ་ཟེ་དགེ་སློང་ལྷ་དང་ནི།

མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང་།

འཁོར་གྱི་སླད་དུ་སྡིག་པ་མི་བགྱི་སྟེ།

དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས།

 

སྤྱི་སེམས་གཞན་ཕན་གྱི་བསམ་བཟང་།

བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །

བསམ་པ་ངན་ན་ས་དང་ལམ་ཡང་ངན། །

བསམ་པ་སེམས་བསྐྱད་དེ་ ཐེག་ཆེན་ཆོས་ཀྱི་ནང་ལས་འབད་བ་ཅིན་

༡/ བདག་གཞན་མཉམ་པ།

༢/ བདག་གཞན་བརྗེ་བ།

༣/ བདག་ལས་གཞན་གཅེས་པར་འཛིན་པའི་བྱང་ཆུབ་ཀྱི་སེམས་གསུམ

 

 

 

 

 

 

 

 

ས་སྟོངས་གསལ་སྒྲགས།

དཔལ་ལྡན་རྩི་ས་སྤྱི་མཐུན་དབང་འཛིན།

བསམ་རྩེ་སྒོམ་ཀྲུ་ལུ་ཡོད་པའི་ དཔལ་ལྡན་རྩི་ས་སྤྱི་མཐུན་དབང་འཛིན་གྱི་འགོ་དཔོན་གྱིས་ སྤྱི་ཁྱབ་འགན་འཛིན་ གཅིག་གི་ས་སྟོངས་གསལ་སྒྲགས་འབདཝ་ཨིན། གོ་གནས་སྤྱི་ཁྱབ་འགོན་འཛིན་ གནས་རིམ EX  པའི་ནང་ མི་ངོམ་གཅིག་གི་ ས་སྟོངས་ཡོདཔ་ལས་ མི་སྟོབས་འཛིན་སྐྱོང་ནང་གཙུག་ལག་ཤེས་ཡོན་གྱི་ཤེས་ཚད་དང་ འབྲེལ་བའི་ལཱ་གཡོག་ནང་ཉུང་ཤོས་ ལོ་ངོ ༡༠ གི་ཉམས་མྱོངས་དགོཔ་ཨིན། འབྲུག་མི་དང་འདོད་ཅན་དང་ཁྱད་ཚད་ལྡན་མི་ མི་ངོམ་ཚུ་གིས་ ཞུ་ཡིག་འདི་ སྤྱི་ཚེས་ ༣༠་ ༠༦་ ༢༠༢༥ གི་ནང་འཁོད་ དཔལ་ལྡན་རྩི་ས་སྤྱི་མཐུན་དབང་འཛིན་གྱི་དྲི་ཚིགས་ནང་བཙུགས་གནང་། བཙགས་ཐོ་མི་ངོམ་ཚུ་གི་མིང་འདི་ དཔལ་ལྡན་རྩི་ས་སྤྱི་མཐུན་དབང་འཛིན་གྱི་ དྲ་ཚིགས་ནང་བཀོད་ནི་ཨིནམ་ལས་ བཙགས་འཐུ་སྒྲུབ་མི་ཚུ་གི་ ཡིག་ཆ་ཚུ་ཚངསམ་འབད་སྣམས་སྟེ་ སྤྱི་ཚེས་ ༡༥་༠༧་༢༠༢༥ ལུ་སྒོམ་ཀྲུ་རྩི་ས་བཟོ་ཀྲུན་ཁང་གི་ས་ཁོངས་ནང་ དྲི་བ་དྲིས་ལེན་གྱི་དོན་ལུ་ འབྱོན་དགོཔ་ཨིན། 

ཡིག་ཆ་ཁ་གསལ།

༡. གཙུག་ལག་ཤེས་ཡོན་གི་ཡིག་ཕབ།

༢. གཙུག་ལག་གཞི་རིམ་གི་ཡིག་ཕབ།

༣. སློབ་རིམ་བཅུ་གཉིས་པའི་ཤེས་ཡོན་གྱི་ཡིག་ཆ།

༤. ད་ལྟའི་ལས་ཁུངས་ལས་དགག་ཆ་མེད་པའི་ལག་འཁྱེར།

༥. རྩིས་ཞིབ་གཙང་འབུལ་ལག་འཁྱེར།

༦་ ཉེན་སྲུང་ཆོག་མཆན་འདྲ་བཤུས།

༧. ངོ་སྤྲོད་ལག་འཁྱེར་གྱི་ངོ་བཤུས།

 


ལཱ་ཤུལ་སྙན་ཞུ།

 ཡིག་ཨང་  ༠༡༢                                                                                                སྤྱི་ཚེས་ ༡༢/༠༥/༢༠༢༥


བསམ་རྩེ་བདག་སྐྱོང་མཆོག་ལུ།

བསམ་རྩེ་བཟོ་རིག་ལས་ཁུངས།

བསམ་རྩེ།

རྩ་དོན་ཿ བསམ་རྩེ་མཆོད་རྟེན་གྱི་ལ་ཤུལ་སྙན་ཞུ། 

ཞུ་དོན། དེ་ནི ད་རེས་བསམ་རྩེ་ལུ་བཞེངས་འདི་ཡོད་པའི་མཆོད་རྟེན་འདི་གི་ ལཱ་གི་སྒྲུབ་འབྲས་ལེགས་ཤོམ་འབད་རང་འཐོན་འདི་ཡོདཔ་ཞུ། དེ་ཡང་མཆོནད་རྟེན་འདི་ བཞེངས་འདི་ད་ལྟོ་དབུ་ཞེང་ནི་གི་ ལཱ་འབད་དོ་ཡོདཔ་ཨིན། 

ན་ཧིངས་ལས་མགོ་བཙུགས་འདི་ཡོད་པའི་ བསམ་རྩེ་གི་ཁྲོམ་གི་སྦུག་ལུ་བཞེངས་མི་མཆོད་རྟེན་ འདི་གི་སྒྲུབ་འབྲས་ལེགས་ཤོམ་འབད་རང་འཐོན་སྟེ་ ད་ལྟོ་དབུ་བཞེངས་ནིའུ་ལཱ་ཚུ་འབད་དོ་ཡོདཔ་ཨིན། ལཱ་འབད་བའི་སྐབས་ལུ་ཡང་ སློབ་ཕྲུག་ཚུ་དང་ཞུང་གཡོགཔ་ དེ་ལས་མི་སེར་དང་འདོད་ཅན་ཚུ་གི་ ངལ་གསོའི་སྐབས་ ཞབས་ཏོག་ཞུ་བར་འོང་སྟེ་ཡོད། དེ་མ་ཚད་ལཱ་འབད་མི་ཁོང་ར་གི་ཡང་ ལཱ་ཚུ་རྩ་གེངས་འབད་འདི་ལེགས་ཤོམ་འགྱོ་ཝ་ཨིན། ད་ལྟོ་ཚུན་ངུལ་ཚུ་གི་ཐད་ཁར་ བཟའ་ནི་འཐུང་ནི་མ་རྩིས་བར་ ཅ་ཆས་ལུ་ དངུལ་དཀྲམ་ས་ཡ ༥.༦༧ འགྱོ་ཡོདཔ་ཨིན། དེ་ལས་ལཱ་འབད་མི་གི་་བཟའ་མཐུང་གི་ དང་ཞབས་ཏོག་ཞུ་བར་འོང་མི་ལུ་ ལྟོ་ཁ་ཚུ་གི་དངུལ་དཀྲམ་འབུམ ༧.༨ འགྱོ་ཡོདཔ་ཨིན། མཆོད་རྟེན་གི་ལཱ་གི་སྤུས་ཚད་ཡང་ བལྟ་རྟོགས་འབད་འདི་ལེགས་ཤོམ་སྦེ་འབད་བཅུག་པའི་ཁར་ མ་བཏུབ་ཡོད་མི་ཚུ་འདི་འཕྲོ་ལས་གསར་བཟོ་འབད་བཅུག་འདི་ཡོད། དེ་ཡང་མ་འོངས་པའི་ནང་ བཏབ་མ་བདེཝ་དང་དཀའ་བསྔལ་མ་འཐོན་ནིའི་དོན་ལུ་ཨིན། 

མཆོད་རྟེན་བཞེངས་པའི་སྐབས་ ལཱ་བལྟ་རྟོགས་འབད་ནི་དང་ དངུལ་འཛིན་སྐྱོང་གི་ལཱ་ཚུ་ བསམ་རྩེ་རྫོང་ཁག་བདག་སྐྱོང་གི་གནང་འདི་རང་ཡོད། མཆོད་རྟེན་བཞེངས་ནིའི་ལཱ་མགོ་འདྲེན་འཐབ་ནི་དང་སྤུས་ཚད་ཅན་གི་སྒྲུབ་འབྲས་འཐོན་ནི་ལུ་ ང་བཅའ་བཟོ་རིག་ལས་ཁུངས་ཀྱི་ལཱ་འབད་མི་ཚུ་གི་ ལེགས་ཤོམ་སྦེ་ཕྱག་ཞུ་ནི་ཨིན། བསམ་རྩེ་མཆོད་རྟེན་བཞེངས་ནིའི་ལཱ་ལེགས་ཤོམ་འགྱོ་དོ་ཡོད་པའི་ སྙན་སྒྲོན་ཞུ་བ་མཁྱེན།

(བསོད་ནམས་འཇིགས་མེད་ཕུན་ཚོགས)

བཟོ་རིག་མགོ་དཔོན།

 


འབྲི་རྩོམ།

 ད་རེས་ནངས་པ་ མགྱོགས་དྲགས་སྦེ་ ཡར་རྒྱས་འགྱོ་བའི་བསྒང་ཡོད་མི་ འཛམ་གླིང་ནང་ འཕྲུལ་རིག་གིས་ མི་སྡེའི་གནས་སྟངས་ག་ར་ལུ་ འགྱུར་བཅོས་འབད་དོ་ཡོདཔ་ལས་ ཤེས་རིག་ཡང་ དེ་ལས་མ་འདྲཝ་ཅིག་མེན། བཅོས་མའི་བློ་རིག་དང་ དེང་སང་གི་ དྲི་ཇི་ཀྲལ་གྱི་ལག་ཆས་ཚུ་ ཡར་སེང་འགྱོ་མི་འདི་གིས་ སློབ་དཔོན་ཚུ་གི་ སྔར་སྲོལ་གྱི་འགན་ཁུར་ཚུ་ ལོག་སྟེ་རང་ ངེས་ཚིག་བརྗོད་དོ་ཡོདཔ་མ་ཚད་ ཤེས་ཡོན་ཚུ་ ག་དེ་སྦེ་བྱིནམ་ཨིན་ན་དང་ སློབ་ཕྲུག་ཚུ་གིས་ ལྷབ་སྦྱང་ནང་ལུ་ ག་དེ་སྦེ་ འབྲེལ་གཏོགས་འབདཝ་ཨིན་ན་ཚུ་ ལོག་སྟེ་རང་ བཟོ་སྟེ་ཡོདཔ་ཨིན། ད་ལས་ཕར་ སློབ་ཁང་ཚུ་ ཤོག་ཁྲམ་དང་ སློབ་དེབ་ཚུ་ནང་ལས་ཕར་ མ་བཞག་པར་ བློ་རིག་ཅན་གྱི་ལམ་ལུགས་དང་ དུས་ཚོད་ངོ་མའི་གནས་སྡུད་ཚུ་གིས་ བརྡ་དོན་གྱི་ས་སྒོ་ཚུ་ནང་ ཁྱབ་སྤེལ་འགྱོ་དོ་ཡོདཔ་ཨིན། འཕྲུལ་རིག་འདི་ཚུ་ ཤེས་རིག་ནང་ མཉམ་བསྡོམས་འབད་བའི་བསྒང་ལས་ སློབ་དཔོན་ཚུ་ལུ་ གོ་སྐབས་གསརཔ་དང་ གདོང་ལེན་གཉིས་ཆ་ར་ ཐོན་དོ་ཡོདཔ་ཨིན་པས། ཤེས་རིག་ནང་ལུ་ དེང་སང་གི་འཕྲུལ་རིག་དང་ བཅོས་མའི་བློ་རིག་ཚུ་ མཉམ་སྡེབ་འབད་མི་འདི་གིས་ སློབ་དཔོན་གྱི་འགན་ཁུར་འདི་ ཤེས་ཡོན་སྤེལ་མི་ལས་ ལྷབ་སྦྱང་འབད་ནི་ལུ་ ཕན་ཐོགས་བྱུང་མི་ལུ་ འགྱུར་བཅོས་འགྱོ་འདི་ཡོདཔ་དང་ མ་འོངས་པ་ནང་ སློབ་ཕྲུག་ཇོན་ཐངས་ཅན་བཟོ་ནི་ཨིན་མས། དེ་མ་ཚད་འཛམ་གླིང་གི་གནས་སྟངས་དང་བསྟུན་ རྒྱལ་ཁབ་ཡར་རྒྱས་འགྱོ་ཚུགས་ནི་ཨིན་མས།

ཧེ་མ་འབད་བ་ཅིན་སློབ་ཁང་ནང་ སློབ་དཔོན་གྱི་ ག་སྟོན་གནང་མི་འདི་ལུ་ ལྷབ་སྦྱང་འབད་འདི་ཤེས་ཡོན་གི་ལམ་ལུགས་ཅིག་ཨིན་མས། ཨིན་རུང་ད་རེས་ནངས་པ་ དུས་ཀྱི་གྱུར་བ་གི་འབད་ བཅོས་རིག་དང་འཕྲུལ་རིག་གི་ སློབ་སྟོན་པ་ལས་འདི་ ལྷབ་སྦྱང་འབད་མི་ལུ་ གཙོ་བོ་སྟོནམ་ཏེ་ཕན་ཐོག་ཡང་ལེ་ཤ་ཡོདཔ་ཨིན་མས། དེ་ཡང་ ལྷབ་སྦྱང་འབད་མི་ཚུ་ལུ་ གནས་ཚུལ་དང་གནས་སྐབས་ལེ་ཤ་ ཡོངས་འབྲེལ་དང་བཅོས་རིག་ནང་ ལས་འཐོབ་དོ་ཡོདཔ་ཨིན། སི་ཊི་ཨིན་སའི་གྲར་ (༢༠༢༥) གི་འབད་བ་ཅིན་ བཅོས་མའི་བློ་རིག་གིས་ སློབ་ཕྲུག་ཚུ་གི་ལྷབ་སྦྱང་འདི་ མི་ངོ་རྐྱང་དང་ འཇོན་ཐངས་ཅན་ དེ་ལས་ ཤེས་ཡོན་གྱི་ཉམས་མྱོང་ཚུ་ བྱིན་ཐོག་ལས་ འགྱུར་བཅོས་འབད་དོ་ཡོདཔ་ཨིན་ཟེར་བཀོད་དོ་བཟུམ་ སློབ་ཕྲུག་ཚུ་གི་ སློབ་དེབ་གི་ཤེས་ཡོན་རྐྱངམ་ཅིག་མེན་པར་ རིག་རྩལ་ག་ར་འཐོབ་ཚུགས་ནི་ཨིན་མས། སློབ་ཕྲུག་ལྷབ་སྦྱང་འབད་མི་ཚུ་ལུ་ བཅོས་རིག་དང་འཕྲུལ་རིག་གི་ཕན་ཐོག་འབྱུངམ་ལས་ སློབ་གྲྭ་ཁག་ནང་ལས་ཕར་ འཕྲུལ་རིག་དང་བཅོས་རིག་གོང་འཕེལ་གཏང་ནི་ལུ་ གཙོ་བོ་སྟོནམ་ཨིན་མས།

བཅོས་རིག་དང་འཕྲུལ་རིག་གོང་འཕེལ་འགྱོཝ་ལས་ སློབ་ཕྲུག་ཚུ་གི་ལྷབ་སྦྱང་འབད་འདི་ མ་འོངས་པ་ནང་ བཅོས་རིག་དང་འཕྲུལ་རིག་ལག་ལེན་འཐབ་ནི་ནང་ ཇོན་ཐངས་ཅན་ལུ་འགྱུར་ནི་ཨིན་མས། དེ་ཡང་དུས་ཚེད་དང་འཁྲིལ་ བཅོས་རིག་དང་འཕྲུལ་རིག་ལག་ལེན་འཐབ་དགོ་ནི་འདི་གིས་ སློབ་ཕྲུག་ཚུ་ ལག་ལེན་འཐབ་ཤེས་དགོཔ་འདི་ཁག་ཆེ་ནི་ཨིན། བིལཊ་ཨིན་ () གི་བཤད་མི་ནང་ བཅོས་མའི་བློ་རིག་འདི་ དུས་རབ་༢༡པའི་ནང་ ལཱ་ཚུ་འཕྲུལ་ཆས་སྦེ་འབད་ནི་དང་ གནས་སྡུད་ལེ་ཤ་ཅིག་དབྱེ་དཔྱད་འབད་ནི་ དེ་ལས་ ལས་ཁུངས་མ་འདྲཝ་ཚུ་ནང་ལུ་ ཇོན་ཐངས་ཡར་དྲག་བཏང་ནི་ནང་ ཁག་ཆེ་ཤོས་ཅིག་ཨིན་མས་ཟེར་བཤད་དོ་བཟུམ་ ལཱག་ཅི་བཟུམ་འབད་དགོ་རུང་བཅོས་རིག་དང་འཕྲུལ་རིག་ལག་ལེན་འཐབ་དགོ་ནི་འདི་གི་ཨིན་མས། འདི་ལུ་སློབ་གྲྭ་ནང་ ལྷབ་སྦྱང་འབད་མི་གི་ མ་འོངས་པ་ནང་ སློབ་ཕྲུག་ཚུ་ལུ་ ཕན་པ་སྦོམ་ཡོདཔ་ཨིན་མས། 

རྒྱལ་ཁབ་གཞན་བཟུམ་ ཡར་རྒྱས་འགྱོ་ནི་ལུ་བཅོས་རིག་དང་འཕྲུལ་རིག་ནང་ གཙོ་བོ་བརྟེན་པ་ཅིན་ ང་བཅས་རྒྱལ་ཁབ་ནང་ཡང་ ཡར་རྒྱས་འགྱོ་ནི་གོ་སྐབས་འོདཔ་ཨིན། འདི་ཡང་ མེན་ཡི་ཀ (༢༠༡༧) གི་སླབ་མི་ནང་ བཅོས་མའི་བློ་རིག་གིས་ བཟོ་གྲྭ་འཕྲུལ་ཁང་ནང་ འཕྲུལ་ཆས་ལག་ལེན་འཐབ་མི་གི་ ཐོན་སྐྱེད་ཡར་སེང་འབད་དེ་ བཀྲམ་སྤེལ་གྱི་རིམ་པ་ཡར་དྲག་བཏང་སྟེ་ གསོ་བའི་ཞབས་ཏོག་དང་ ཤེས་རིག་ སོ་ནམ་དང་དངུལ་འབྲེལ་ལ་སོགས་པའི་ ལས་སྡེ་ཚུ་ནང་ལུ་ གོང་འཕེལ་འགྱོ་ཚུགསཔ་ཨིན་ཟེར་བཀོད་དོ་བཟུམ་ རྒྱལ་ཁབ་གི་ཐོན་་སྐྱེད་ཡར་དྲག་གི་ ཁས་ཕན་འདི་གི་ རྒྱལ་ཁབ་གཞན་ལུ་རེད་མ་དགོཔ་འགྱོ་ནི་ཨིན་ཟེར་བཀོད་དོ་བཟུམ་ ང་བཅས་རའི་རྒྱལ་ཁབ་ནང་ བཅོས་རིག་དང་འཕྲུལ་རིག་གཡོག་བཀོལ་ཐོག་ལས་ གོང་འཕེལ་འགྱོ་ཚུགས་ནི་ཨིན། འདི་འབད་ནི་འདི་གིས་ རྒྱལ་ཁབ་གོང་འཕེལ་གཏང་ནི་ནང་ ད་ལྟོ་ལས་སློབ་གྲྭ་ནང་ སློབ་ཕྲུག་ཚུ་ལུ་ སློབ་སྟོན་ལོཨེགས་ཤོམ་འབད་ སྟོན་དགོཔ་ཨིན་མས།

ད་མཇུག་རང་ འཕྲུལ་རིག་འདི་ཚུ་ ཤེས་རིག་ནང་ མཉམ་བསྡོམས་འབད་བའི་བསྒང་ལས་ སློབ་དཔོན་ཚུ་ལུ་ གོ་སྐབས་གསརཔ་དང་ གདོང་ལེན་གཉིས་ཆ་ར་ ཐོན་དོ་ཡོདཔ་ཨིན་པས། ཤེས་རིག་ནང་ལུ་ དེང་སང་གི་འཕྲུལ་རིག་དང་ བཅོས་མའི་བློ་རིག་ཚུ་ མཉམ་སྡེབ་འབད་མི་འདི་གིས་ སློབ་དཔོན་གྱི་འགན་ཁུར་འདི་ ཤེས་ཡོན་སྤེལ་མི་ལས་ ལྷབ་སྦྱང་འབད་ནི་ལུ་ ཕན་ཐོགས་བྱུང་མི་ལུ་ འགྱུར་བཅོས་འགྱོ་འདི་ཡོདཔ་དང་ མ་འོངས་པ་ནང་ སློབ་ཕྲུག་ཇོན་ཐངས་ཅན་བཟོ་ནི་ཨིན་མས། དེ་མ་ཚད་འཛམ་གླིང་གི་གནས་སྟངས་དང་བསྟུན་ རྒྱལ་ཁབ་ཡར་རྒྱས་འགྱོ་ཚུགས་ནི་ཨིན་མས། འདི་ལུ་སློབ་སྟོན་པ་དང་ ལྷབ་སྦྱང་འབད་མི་གཉིས་ཆ་ར་གིས་ བཅོས་རིག་དང་འཕྲུལ་རིག་གོང་འཕེལ་ གཏང་ནི་ལི་གཙོ་བོ་སྟོན་དགོཔ་ཨིན་མས། 

 

 


Unit 3 - Reflection

Unit 3: Strategy for Teaching Coding In Unit 3, I learned about different strategies for teaching coding, and it gave me new insights into...